Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。

༈ གངས་ལྗོངས་རྒྱལ་བསྟན་མཆོག་གི་བདག་སྐྱོང་གསུམ་བཀྲུང་དུ་བྱིན་རླབས་སྤེལ་བའི་ཉིན་བཟང་།

༈ ད་རིང་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྔ་འགྱུར་བསྟན་པའི་དབུ་འཛིན་ཁྲི་རབས་ལྔ་པ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་ངག་དབང་བློ་གྲོས་རིན་པོ་ཆེ་མཆོག་གི་ཡང་སྲིད་རིན་པོ་ཆེ་མཆོག་དཔལ་རི་པདྨ་ཆོས་གླིང་དགོན་དུ་ཞབས་སོར་བཀོད་ཅིང་། གསར་དུ་བཞེངས་བཞིན་པའི་གཙུག་ལག་ཁང་གི་བཀྲ་ཤིས་པའི་འབྲུ་འཐོར་ནས་བྱིན་རླབས་མཛད་གནང་བ་དང་། མཁན་སློབ་དགེ་འདུན་འདུས་པ་ཡོངས་ནས་སྒོ་གསུམ་གུས་པའི་ངང་། ༸སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་དུ་མེ་ཏོག་ཆུང་ཡང་མཆོད་རྫས་སུ་དམིགས་ཏེ་སྐུ་གསུམ་མནྜལ་གྱི་མཆོད་འབུལ་ཕུལ་བའི་མཐོང་སྣང་གཟིགས་འབུལ་ཞུ།

 




Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。