༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་མངའ་བདག་ འགྲོ་བ་ཡོངས་ཀྱི་དེད་དཔོན། རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་། སྐྱོབ་པའི་ཕ་མ། འདྲེན་པའི་དེད་དཔོན། འདི་ཕྱིའི་སྐྱབས་གནས་བླ་ན་མ་མཆིས་པ་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་ལ་མགོན་པོ་མཆོག་གི་ཞབས་ཀྱི་པདྨོར་སྒོ་གསུམ་རབ་གུས་ཀྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག །ཇི་སྐད་དུ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་གསུང་ལས། ཀྱེ་མ་སྐྱེ་འགྲོའི་བདེ་སྐྱིད་ནི། །འཕེལ་འགྲིབ་ཁྱེད་ལ་རག་ལུས་ན། །བསྐལ་པ་ཕྱི་མའི་བར་དུ་ཡང་། །ཚེ་ལ་དབང་བའི་སྐུར་བཞེངས་ཤིག །ཅེས་ཇི་ལྟར་གསུངས་པ་བཞིན་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདི་ཕྱིའི་ཕན་བདེ་འཕེལ་འགྲིབ་ཇི་ལྟར་འབྱུང་མིན་ནི་མགོན་པོ་གང་ཉིད་སྐུ་འཚོ་བཞུགས་ལ་རག་ལས་པས་ན་གང་ཉིད་སྐུ་ཚེ་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བཞུགས་ཤིང་། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པའི་སྤ་རོ་དཔལ་རི་པདྨ་ཆོས་གླིང་གི་མཁན་སློབ་དགེ་འདུན་ཡོངས་ནས་སྨོན་འདུན་ཞུ།
In the realm of boundless compassion and wisdom, the sacred teachings of the profound Dharma illuminate the path towards liberation. The essence of these teachings, encapsulated in the profound words of the Buddha, guides sentient beings on the journey from ignorance to enlightenment. This sacred knowledge, passed down through generations, is like a radiant beacon, dispelling the darkness of delusion.
In the vast expanse of the universe, where the melodious symphony of wisdom resounds, the profound truths expounded by the enlightened ones resonate with the hearts of seekers. The Dharma, like a gentle breeze, carries the fragrance of liberation, awakening the dormant potential within each being.
May the teachings of the Dharma continue to flourish, nurturing the seeds of wisdom and compassion in the fertile soil of sentient minds. As we tread the noble path illuminated by the lamp of enlightenment, may all beings attain the ultimate bliss of liberation.
Social Plugin