Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。

Celebrating the 118th National Day of Bhutan: A Prayer from Pelri Pema Choling

 On the joyous and auspicious occasion, Pelri Pema Choling Monastery joins the nation in commemorating the 118th National Day of Bhutan. May the Wangchuk Dynasty continue to guide the people of Bhutan with joy and peace. Pelden Drukpa 


ལུང་བསྟན་ལྷ་ལས་བབས་པའི་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་པོ་རིམ་བྱོན་དབུ་བརྙེས་ཏེ་མི་ལོ་ ༡༡༨ འཁོར་བའི་རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་བའི་ དགའ་སྟོན་གྱི་ ཉིནམ་འདི་ཁར་སྤ་རོ་དཔལ་རི་པདྨ་ཆོས་གླིང་གི་དགོན་པའི་མཁན་སློབ་དང་དགེ་འདུན་འདུས་པ་ཡོངས་ཀྱིས་ ལུས་ངག་ཡིད་གསུམ་གུས་པའི་སྒོ་ལས ་བཀྲ་ཤིས་པའི་ ལེགས་སྨོན་ཕུལ་ནི་དང་  མི་དབང་ ཡབ་མེས་སྲས་གསུམ་གྱི་ གཙོས་པའི་ མི་དབང་རིམ་འབྱོན་ཚུ་གི་ མགྲན་ཟླ་དང་བྲལ་བའི་མཛད་བྱ་བཟང་པོ་ཚུ་ལུ་ཡིད་རངས་དང་བཀའ་དྲིན་དགའ་ཚོར་ཕུལཝ་ཨིན།

འདི་དང་གཅིག་ཁར་  འབྲུག་རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཕྱིད་ཞབས་ཏོག་ཞུ་ནིའི་ཁས་བླངས་དམ་བཅའ་ཕུལཝ་དང་གཅིག་ཁར་   མི་དབང་རྒྱལ་པོའི་དབུ་འཁྲིད་བཟང་པོའི་འོག་ལུ་ ཆོས་སྲིད་ལུགས་གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ།  སྔར་བ་ལྷག་པའི་ དགའ་སྐྱིད་དང་ ཞི་བདེ་  འབྱུང་བཅུག་ཟེར་བའི་སྨོན་འདེབས་ཕུལཝ་ཨིན།


【吉祥慶典】貝里貝瑪卻寧寺共慶不丹 118 週年國慶

在此吉祥喜慶的時刻,貝里貝瑪卻寧寺(Pelri Pema Choling Monastery)的全體堪布、導師及僧團成員,謹以虔誠的身、語、意,與全國人民一同歡慶不丹 118 週年國慶。

自開國至今,在旺楚克王朝歷代英明君主的帶領下,不丹迎來了長久的繁榮與守護。我們懷著無盡的感激與隨喜之心,感念歷代國王及其聖尊王室成員們無與倫比的豐功偉業。

同時,我們在此重申對不丹「三根本」(國王、國家與人民)永恆不渝的忠誠與奉獻誓言。我們衷心祈願,在國王的卓越領導下,佛法與政令皆能興盛圓滿;願這片土地在未來更加充滿喜樂、和平與安寧。

吉祥如意!











Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。