Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。

༈ དུས་དང་ཕུ་ལས་ར་ ང་བཅས་འབྲུག་གི་ཆོས་སྡེ་ཁ་ལས་ཕར་ སྙན་གྲགས་ཆགས་ཡོད་པའི་མེ་འཆམ་གྱི་སྐོར།

 ༈ དུས་དང་ཕུ་ལས་ར་ ང་བཅས་འབྲུག་གི་ཆོས་སྡེ་ཁ་ལས་ཕར་ སྙན་གྲགས་ཆགས་ཡོད་པའི་མེ་འཆམ་གྱི་སྐོར།

གསང་སྔགས་ཀྱི་ཉམས་ལེན་བྱེད་པའི་སྐབས་དང་ ཆོས་ཀྱི་བྱ་བ་ག་ཅི་འགོ་བརྩམ་རུང་ འགོ་བཙུགས་བཞིན་ན་ མཇུག་མ་བསྡུ་བའི་བར་  གདོན་བགེགས་དང་མི་མ་ཡིན་འབྱུང་པོ་ཚུ་གིས་ བར་ཆད་རྐྱབ་ལས་ ཁོང་ཆ་ཁྱབ་ གནས་འདི་ན་མ་བཞག་པར་ ཕྱིར་བསྐྲད་པའི་དོན་ལུ་ དེ་སྐབས་ཁྲོ་བའི་ཆོ་ག་དང་སྐུ་འཆམ་ཚུའི་ཐོག་ལས་ འདྲོག་འཇིགས་འཐབ་བཅུག་བཞིན་ན་བསྐྲད་བཏངམ་ཨིན་མས། (དེའང་ཆོས་གྲལ་གྱི་སྐུ་མདུན་ལུ་ གདོན་བགེགས་ཀྱི་གཏོརམ་ལྷོང་བཞག་བཞིན་ན་ ཨོ་ཨཱ་ཿཧཱུཾ་ དང་ ཕྱག་་ཐོད་རྒྱ་སེ་གོལ་ ཨ་ཀཱ་རོའི་སྔགས་སོགས་ཀྱིས་སྦེ་ འབྱུང་པོ་སྤྱིར་ལུ་ བློ་ཁ་བསྟུན་པར་ཁྱབ་ཚུགས་པའི་བྱིན་བརླབས་མཛད། ཆོས་མཇུག་མ་བསྡུ་བར་དུ་ མི་ལོག་པའི་ བདེན་ཚིག་བདར། ད་རུང་ཉན་མ་བཏུབ་པར་ སྡོད་གནས་འཚོལ་སྡོད་མི་ རེ་རེ་གཉིས་གཡིབ་ཡོད་པ་ཅིན་མནོ་སྟེ་  མཆོད་དཔོན་གྱིས་ གཏོརམ་གྱལ་བཤལ་ཏེ་ ཕྱོགས་ཕྱོགས་ལུ་གཏོར་མའི་ཞལ་སྟོན་བཞིན་ན་བཤགས། ཤུལ་ཤུལ་ཚོགས་གཙོ་བླ་མ་གིས་ ཆོས་མཇུག་མ་བསྡུ་བར་དུ་ མི་ལོག་པའི་དོན་ལུ་ ཧཱུཾ་བཞིའི་སྔགས་སུམ་བྷ་ནི་དང་ ཡུངས་ཀར་ཚུ་གཏོར། སྐུ་འཆམ་གནང་མི་ཚུ་གིས་ ཅི་དང་མ་འདྲ་བའི་ཁྲོ་བའི་འགྱིང་ཉམས་སྟོན་ ཕྱག་གཡོན་ལུ་མེ་སྐོར་བཤེད་པའི་ཚུལ་ གཡས་ཀྱིས་མེ་ཕྱི་ཡང་ཡང་བཏབ་སྟེ་ མེ་སྐོར་ཆེ་བར་ལྡིང་པའི་ཚུལ་གྱིས་སྦེ་ ཕྱི་སྣང་བ་ལུ་ གསད་ནི་དང་བརྡུང་ནི་ཟེར་བའི་འཇིགས་སྐུལ་འབད་བའི་ཐོག་ལས་ བར་ཆད་མེད་པར་ཆོས་སྤེལ་ཐབས་ལུ་ཨིན།

Fire dance was the most well-known of the ancient Bhutanese monastic traditions.

When practicing the Vajrayana vehicle or any kind of religious activity, interference from demons and non-human entities can occur from start to finish. All of them need to be expelled from this location. Through angry rituals and fire dances, all the demons and non-human entities will be frightened and expelled from this place. After completing this place, it is blessed and unhindered, and it is a place to live in peace and happiness.

不丹寺院傳統中的火舞

火舞是不丹古老寺院傳統中最為人所知的表演之一。

在金剛乘(Vajrayana)的修行或任何宗教活動中,從開始到結束都可能會受到惡魔和非人實體的干擾。為了將它們從這個地方驅逐出去,會透過憤怒的儀式和火舞,使這些惡魔和非人實體感到恐懼並被驅離此地。(在法會中,會將供養惡魔的食子放在佛壇前,並透過「嗡啊吽」、「恰多嘉色果」、「阿卡羅」等咒語,對所有非人眾生進行加持,使其心生嚮往。在法會結束前,會發出真實的誓言,確保它們不再返回。如果仍然有少數頑固的非人眾生藏匿,供施者會沿著供品行列,向各個方向展示食子並進行懺悔。隨後,法會主持喇嘛會為了確保它們不再返回,念誦「吽四咒」和「頌巴尼」咒,並撒上芥子。參與火舞的舞者會展現出獨特而憤怒的姿態,左手做出揮舞火焰的動作,右手則反覆敲擊火盤,使火焰熊熊燃燒,從外在景象上營造出恐嚇、殺戮和毆打的氛圍,藉此確保法會能夠無礙地進行。)

在完成這個地方的儀式後,它將獲得加持,排除一切障礙,成為一個能夠安居樂業、充滿幸福的處所。



Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。