ལོ་བསྟར་དགུ་གཏོར་ཆེན་མོ་ཉིན་དང་པོ།
༈ སྤ་རོ་དཔལ་རི་པདྨ་ཆོས་གླིང་དགོན་པའི་ལོ་ལྟར་གྱི་གཏོར་ཟློག་ཆེན་མོ་གནང་སྲོལ་ཡོད་མི་འདི་ ད་རེས་ལས་འགོ་བཟུང་སྟེ་ ཉིན་གྲངས་གསུམ་གྱི་རིང་ མཁན་སློབ་རྣམས་ཀྱིས་དབུ་བཞུགས་ཐོག་དགེ་སློང་ཞལ་གྲངས་ ༤༠ ལྷག་ཙམ་གྱིས་ རིག་འཛིན་ཆེན་པོ་པདྨ་གླིང་པའི་གཏེར་ཆོས་ལས་བྱོན་པའི་གུ་རུ་དྲག་པོ་དམར་ཆེན་མེ་ལྕེ་ཕྲེང་བའི་གཏོར་ཟློག་གནང་དོ་ཡོདཔ་ཨིན། དེ་འབད་གནང་དགོ་མི་དེ་ཡང་ སྤྱིཪ་བསྟན་འགྲོ་ཡོངས་དང་། བྱེ་བྲག་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་ ནད་ཡམས་མུ་གེ་སོགས་རང་སར་ཞི་ཐབས་དང་། འབྱུང་བཞིའི་འཇིགས་པ་ཐམས་ཅད་ལས་ཟློག་སྟེ་ རྒྱལ་བློན་འབངས་འཁོར་རྣམས་ སྔར་བས་ལྷག་སྟེ་ཡུན་ནས་ཡུན་རིང་དུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་སོགས་ཀྱི་ཆེད་དུ་དམིགས་ཏེ་གནང་དོ་ཨིནམ་ལས་ དད་ཅན་གྱི་གཞུང་གཡོགཔ་དང་སྦྱིན་བདག་ཕོ་མོ་ག་ར་ཐུགས་སྨོན་རེ་གནང་བར་འབྱོན་གནང་ཞུ།
年度驅魔大法會第一天
帕羅貝瑪卻寧寺一年一度的驅魔大法會於今日開始,將持續三天。由堪布(住持)和教師們帶領,四十多位僧侶將舉行源自偉大伏藏師貝瑪林巴(Pema Lingpa)伏藏法的「古魯忿怒尊紅焰鬘」(Guru Dragpo Marchen Meche Trengwa)驅魔儀式。
舉行此儀式的目的是為了普遍利益所有教法和眾生,特別是為了平息不丹的疾病、饑荒等災難,消除所有自然災害的威脅,並祈願國王、大臣和人民能夠長久享受幸福安康。因此,我們誠摯邀請所有虔誠的公務員和信眾前來參與並祈禱。
[備註] 本中文翻譯內容以藏文版本為準。

Social Plugin