སྤ་རོ་ཆུ་བྱ་ཁ་ དཔལ་རི་པདྨ་ཆོས་གླིང་དགོན་པའི་ལོ་བསྟར་གནང་སྲོལ་ཡོད་མི་ བསྟན་སྤྱི་སྐུ་རིམ་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལྷག་ནིའི་འདི་སྤྱི་ལོ་༢༠༢༥ རང་བདུན་པའི་ཚེས་གཅིག་ལས་བཅོ་ལྔ་བར་ཉིན་གྲངས་བཅོ་ལྔའི་རིང་མཁན་སློབ་དགེ་འདུན་ཞལ་གྲངས་ ༤༠ ལྷག་ཙམ་གྱིས་ལྷག་གནང་དོ་ཡོདཔ་ཨིན། དེ་ཡང་སྤྱིར་འཛམ་གླིང་ནང་དང་བྱེ་བྲག་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་ནད་ཡམས་མུ་གེ་དམག་འཁྲུགས་དང་འབྱུང་བཞིའི་རྐྱེན་ངན་ཚུ་ཞི་ཐབས་དང་། འབྲུག་མི་ཡོངས་ཀྱི་སྐྱབས་དང་རེ་སའི་སྡོང་པོ་མི་དབང་༧ཆོས་རྒྱལ་དམ་པ་ཡབ་མེས་སྲས་གསུམ་གྱིས་གཙོས་སྐུ་འཁོར་ལྷན་རྒྱས་རྣམས་དང་། ཆོས་ཀྱི་དབུ་ཁྲིད་དམ་པ་༧སྐྱབས་རྗེ་ཡིད་བཞིན་ནོར་བུས་དབུ་གཙོས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཚེ་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་མཛད་པ་དང་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པའི་ཐབས་ལུ་གམིགས་ཏེ་གནང་དོ་ཨིནམ་ལས། དད་ཅན་གྱི་གཞུང་གཡོགཔ་དང་སྦྱིན་བདག་ཕོ་མོ་ག་ར་ཐུགས་སྨོན་རེ་གནང་བར་འབྱོན་གནང་ཞུ།
The annual Tenchhi Kureem Gyalwai Kanjur Chenmo at Paro Chuhakha Palri Padma Choeling Monastery will be held from the 24th to the 7th of August 2025, during which approximately 40 Khenpo, teachers, and monks will be present for 15 days. This is to pacify epidemics, famines, wars, and natural disasters in the world and especially in the medical kingdom of Bhutan. It is also aimed at ensuring that the lives of all Bhutanese people, the refuge and hope of the Bhutanese people, including the Wangchuck dynasty, and all the religious leaders, including Kyabje Yizhin Norbu, remain steadfast in the essence of the seven vajra dharmas, and that their deeds and activities are as vast as the sky. Therefore, all civil servants and donors, both men and women, are welcome to attend and offer their prayers.
帕羅秋卡貝里貝瑪卻林寺將於 2025年7月24日至8月7日 舉行一年一度的 《大藏經》十萬頌經(Tenchhi Kureem Gyalwai Kanjur Chenmo)法會。這場為期15天的盛會,將有超過40位堪布、老師與僧侶共同參與。
本次法會的宗旨,是為全世界,特別是醫藥王國不丹,祈求消弭瘟疫、飢荒、戰爭與天災人禍。
我們也將共同祈願不丹所有人民的庇護與希望——包括以國王為首的旺楚克王朝,以及以尊貴的 永恆珍寶(Kyabje Yizhin Norbu)為首的所有宗教領袖——都能 長壽安康,功德與事業如天空般廣闊。
誠摯邀請所有虔誠的信眾與功德主,不論男女,蒞臨法會,一同獻上最深的祈禱與祝福。


Social Plugin