Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。

Annual Mindroling Dorsem Puja at Paro Palri Pema Choling Monastery

༈ སྤ་རོ་དཔལ་རི་པདྨ་ཆོས་གླིང་དགོན་པའི་ལོ་བསྟར་གྱི་སྨིན་གླིང་རྡོར་སེམས་གནང་སྲོལ་ཡོད་མི་འདི་ ད་རེས་ལས་གོ་བཟུང་སྟེ་ཉིན་གྲངས་གསུམ་རིང་ མཁན་སློབ་དགེ་སློང་ཞལ་གྲངས་བཞི་བཅུ་ལྷག་ཙམ་གྱིས་གནང་དོ་ཡོདཔ་ཨིན། དེ་འབད་གནང་དགོ་མི་དེ་ཡང་ སྤྱིར་འགྲོ་བ་ཡོངས་ཀྱི་རྒྱུད་ལུ་ བག་ཆག་ངན་པའི་དབང་གིས་བསགས་པའི་སྡིག་སྒྲིབ་དང་དམ་ཚིག་ལས་འགལ་བའི་ཉམས་ཆག་དང་ཉེས་ལྟུང་ཚུ་སྦྱང་ནི་དང་། ཁྱད་པར་དུ་མ་འགྱུར་གྱི་སེམས་ཅན་ཐམས་ཅད་བར་དོའི་འཇིགས་པ་ཐམས་ཅད་ལས་གྲོལ་ཏེ། དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་ནི་དོན་ལུ་གནང་དོ་ཨིནམ་ལས་དད་ཅན་གྱི་སྦྱིན་བདག་ཕོ་མོ་ག་ར་ཐུགས་སྨོན་གང་ཟབ་གནང་བར་ཞུ།

At Paro Palri Pema Choling Monastery, an annual tradition of performing the Mindroling Dorsem is held. This year, under the guidance of a new coordinator, the khenpo, lopon, and geshe, approximately forty monks have gathered to perform this for three days. This is done to purify the negative karma, obscurations, and breaches of samaya and vows accumulated in the minds of all sentient beings due to the power of their negative imprints. In particular, this is for the liberation of all sentient beings from the fears of the bardo and to attain the state of glorious Vajrasattva. We request all faithful patrons, male and female, to offer their heartfelt prayers.

不丹帕羅貝里貝卻寧寺(Paro Palri Pema Choling Monastery)每年都會固定舉行「敏卓林傳承金剛薩埵」法會。從今日起,由堪布、導師及僧眾等共四十餘位,將展開為期三天的修持儀軌。

舉行此法會的目的,是為了清淨普天下眾生因往昔習氣所積累的罪障,以及違犯誓言與戒律的過失。特別是為了祈願所有如母眾生都能解脫中陰身的種種恐懼,並最終成就圓滿的金剛薩埵果位。在此至誠邀請各位虔誠的信眾,共同發心並至心迴向。



Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。