Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。

Pelri Pema Choling Monastery Dharma Protector Offering Ceremony

 

ད་རིས་ལས་ཉིན་གྲངས་གཉིས་རིང་སྤ་རོ་དཔལ་རི་པདྨ་ཆོས་གླིང་དགེོན་པ་ལུ་་མཁན་སློབ་དགེ་འདུན་འདུས་ཚོགས་ཡོངས་ཀྱིས་ རི་བོ་བསང་མཆོད་དང་དཀར་གསུར། དཔལ་ཡེ་ཤེས་མགོན་པོ་ལ་སོགས་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་འཕྲིན་བཅོལ་ཟབ་ཤིང་རྒྱས་པའི་ཐོག་ལས་ཚོགས་གནང་ནི་ཨིན།

དེ་སྦེ་དགོ་མི་འདི་ཡང་ རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ གནས་བདག་གཞི་བདག་ལ་སོགས་པའི་ཆོས་སྐྱོང་སྲུང་མ་ཚུ་ བཀའ་དང་.  དམ་གནང་པའི་སྐབས་ ཁོང་ར་གིས་ཁས་བླངས་ཕུལ་དོན་བཞིན་ སྤྱིར་སངས་རྒྱས་ཀྱི་བསྟན་པ་བསྲུང་ནི་དང་ དེ་ལས་བླ་མའི་སྐུ་ཚེ་སྲིང་ནི་ དགེ་འདུན་གྱི་སྡེ་སྐྱོང་ནིའི་ཆེད་དུ་དང་ བྱེ་བྲག་ལྗོངས་འདིར་ནང་ ཆར་ཆུ་དུས་སུ་བབས་ ལོ་ཕྱུགས་རྟག་ཏུ་ལེགས་ ནད་མུག་མཚོན་གནོད་སོགས་མི་མཐུན་པའི་ འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་སྟེ་ མཐུན་རྐྱེན་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་ལས་གོང་དུ་འཕེལ་ཏེ་ ཞི་བདེའི་ངང་ལུ་གནས་པ་དང་།  བྱ་བ་ལམ་འགྲོ་ཚུ་ཡང་ལེགས་ཞིནམ་སྦེ་མཐར་མཁྱོལ་ཅན་ཅིག་སྦེ་འགྱོ་མི་འདི་ང་བཅས་ག་ར་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ནུས་པ་ལས་བརྟེན་ཨིནམ་ལས་ འདི་ལུ་བཀྲིན་དགའ་ཚོར་དང་བཅས།   རྩ་གསུམ་གྱི་ལྷ་དང་དཔལ་ཡེས་ཤེས་ཀྱི་དགོན་པོ་གཙོས་པའི་དམ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་སྔར་བཅོལ་ལེགས་པར་གྲུབ་པའི་བཀྲིན་གཏང་རག་གི་ཚུལ་བཟུམ་ཅིག་དང་།  མ་འོངས་པར་ སྤྱིར་འགྲོ་བའི་བདེ་སྐྱིད་ཀྱི་འབྱུང་གནས་ ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ལྷག་པར་དུ་ ང་བཅས་རའི་སྤྱི་གཙུག་གི་ཉིན་ཟླ་ས་སྐྱོང་གི་རྒྱལ་པོ་མི་དབང་མངའ་བདག་རིན་པོ་ཆེ་ཡབ་སྲས་གཉིས་ཀྱི་གཙོས་སྐྱེས་ཆེན་དམ་པ་རྣམས་ཞབས་པད་ཡུན་རིང་དུ་བརྟན་ཅིང་མཛད་ཕྲིན་ཡང་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་ཏེ། འཇིག་རྟེན་གྱི་ཁམས་ལུ་ནད་ཡམས་མུ་གེ་དམག་འཁྲུག་འཐབ་རྩོད་སོགས་མེད་པར་ དགའ་སྐྱིད་རྫོགས་ལྡན་གྱི་དཔལ་ལུ་སྤྱོད་ནི་དང་།  བདེ་སྐྱིད་ཀྱི་ཉི་མ་དགུང་ལས་ཡོལ་བར་མེད་པར་ཤར་བཅུག་ཅིག་ཟེར་བའི་སྨོན་འདེབས་དང་བཅས་དཔལ་རི་པདྨ་ཆོས་གླིང་དགོན་པ་ལུ་འབྲེལ་བ་ཡོད་མི་སྐྱེ་བོ་ཕོ་མོ་ག་ར་ཐུགས་སྨོན་རེ་བཏབ་གནང་ཟེར་ཞུ་ཨིན།



今天起兩天後,帕羅貝瑪卻寧寺將由全體堪布、洛本及僧眾舉行盛大的山淨供(桑)、白供(嘎蘇)以及對吉祥怙主等護法神的祈請供養法會。

舉行此法會的目的是為了感念過去諸佛菩薩在委任地方神祇等護法時,他們信守誓言,普遍守護佛法,特別是為了祈願上師長壽、護持僧團,並具體祈禱此地風調雨順、五穀豐登、六畜興旺,消除疾病、饑荒、刀兵劫等一切違緣,使一切順緣如同上弦月般蒸蒸日上,安享太平。我們深知一切事業順利成就,皆仰仗護法神的護佑,對此我們心懷感激與喜悅。

因此,我們將以感恩戴德之心,如同酬謝圓滿完成往昔所託之恩一般,向三根本聖眾及以吉祥智慧怙主為主的一切護法神供養祈禱。

並祈願未來,作為眾生安樂之源的佛法得以弘揚光大、長久住世;尤其祈願我們至高無上的怙主——國土的日月,至尊國王父子為主的一切聖者,蓮足永固、事業如上弦月般增長廣大;祈願世間消除瘟疫、饑荒、戰爭、爭鬥等災難,共享圓滿喜樂的盛世;祈願幸福的陽光永不西沉,永遠照耀。

為此,謹請與帕羅貝瑪卻寧寺有緣的各位信眾,無論男女,皆能發心祈禱!



Follow our Facebook fan page for the latest news. 在臉書上追蹤我們的粉絲專頁,隨時掌握最新消息。